HomeOur MisionProduction in TibetanPostersPromotion and Public AwarenessTraining of TrainersCooperativeAbout usMembershipContactPhoto Gallery

རྫ་ཆུའི་སྐྱེ་ཁམས་ཁོར་ཡུག།
     

རྫ་ཆུ།

ཆུ་བོ་ཆེན་པོ་ཟླ་ཆུའམ་རྫ་ཆུ་ནི་སའི་སྣོད་བཅུད་ཡོངས་སུ་ཚང་བའི་བོད་ཀྱི་མདོ་དབུས་མཐོ་སྒང་གི་མཚོ་སྔོན་
ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོངས་ཁུལ་རྫ་སྟོད་རྫོང་གི་ནུབ་ཕྱོགས་ནས་རྡོལ་པས་ཆུ་བོ་འདིའི་མིང་
ལའང་ཟླ་ཆུའམ་རྫ་ཆུ་ཟེར།
ཆུ་བོ་འདི་འཛམ་གླིང་གི་ཆུ་ཆེན་ཨང་བཅུ་གཉིས་པ་དང་ཡ་གླིང་གི་ཆུ་ཆེན་ཨང་
བདུན་པ་ཡིན།
དེ་ནས་ཀྲུང་གོའི་(China)མངའ་ཁོངས་ཀྱི་ཡུན་ནན་ཞིང་ཆེན་བརྒྱུད་དེ་འབར་མ་(Burma)
དང་། ཐྰའེ་ལན་ཌི(Thailand) ལྰོ། (Laos)ཁྰམ་བྷོ་ཌི་ཡ་ (Cambodia) ཡྰོ་ནན་(Vietnam) བཅས་རྒྱལ་ཁབ་
ལྔ་བརྒྱུད་མཐར་ལྷོ་རྒྱ་མཚོར་བབས་ཡོད། འཛམ་གླིང་དུ་ཆེས་རྒྱལ་ཁབ་མང་བོ་འགྲིམ་པའི་ཆུ་བོ་ཞིག་གོ།
དེའི་རིང་ཚད་ལ་སྟོང་སྨིས་༤༨༨༠ཡོད་པ་དང་འབབ་བརྒྱུད་ཀྱི་ས་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ་༧༩༥༠༠༠ཡོད།
ལོ་རེའི་ཆུ་བོའི་བཞུར་ཚད་༤༧༥
 km3/༡༡༤ཡིན།ཆུ་བོ་དེ་ལ་བདག་གཉེར་ལྷན་ཚོགས་ཤིག་ཡོད་དེ་ཀྲུང་གོ་དང་
འབར་མ་མ་གཏོགས་པའི་ཆུ་བོ་དེ་ཉིད་བརྒྱུད་སའི་རྒྱལ་ཁབ་དག་ཞུགས་ཡོད་པ་དང་། ལྷན་ཚོགས་
དེའི་མིང་ཡང་ཆུ་བོ་འདིའི་མིང་ལ་བརྟེན་ནས་ཡ་གླིང་ལྷོ་མའི་རྫ་ཆུ་མཉམ་གཉེར་ཚོགས་པ་ཞེས་བཏགས་ཡོད།
ཆུ་བོ་འདིའི་བཞུར་ཚད་ལ་དུས་བཞིའི་འགྱུར་བ་ཆེན་པོ་ཡོད་པས་གྲུ་གཟིངས་གཏོང་བར་ཉེན་ཁ་ཆེ་བར་བཤད།
དབྱིན་སྐད་ཏུ་རྫ་ཆུ་ལ་མྰེ་ཁོན་
(Mekong)དང་། ཐྰེའི་སྐད་དུ་མྰ་ནེམ་ཁོན་(แม่น้ำโขง)ཟེར། དེའི་ནང་དོན་
ནི་འདི་ལྟ་སྟེ།མྰ་ནི་ཨ་མ་དང་། ནེམ་ནི་ཆུ་བོའི་དོན་ཡིན་ཞིང་དེ་མིན་ཁྲང་མྰེ་གྲོང་དུ་མྰ་ནེམ་ཕེན་ནམ་ཡང་ན་
ཕེན་གཙང་བོ་ཞེས་འབོད་ཀྱིན་ཡོད།
ཁྰམ་བྷོ་ཌི་རྒྱལ་ཁབ་ཏུ་ཐོན་ལོ་ཟྰ་ཕོ་གཙང་བོ་དང་ཡང་ན་ཟྰ་ཕོ་གཙང་བོ་
ཞེས་འབོད། ཐོན་ལོ་ནི་གཙང་བོ་ཆེན་པོའི་དོན་ཡིན།
ཆུ་བོ་འདིའི་འགོ་ཁུངས་ཀྱི་མཚོ་ངོས་མཐོ་ཚད་ནི་
སྨིས་༥༢༢༤ཡིན།
 

རྫ་ཆུའི་རྒྱུད་ཀྱི་སྲོག་ཆགས།              

རྫ་ཆུའི་འབབ་རྒྱུད་ནི་སྲོག་ཆགས་སྣ་ཚོགས་གནས་པའི་འཛམ་གླིང་གི་ས་ཆ་ཁྱད་པར་དུ་འཕགས་པ་ཞིག་སྟེ།
གཙོ་བོ་ཉ་རིགས་ཕུན་སུམ་ཚོགས་པར་གནས་པས་དེར་ཉ་རིགས་༡༧༠༠ལྷག་ཡོད་པར་བཤད་ལ།མིག་སྔར་
ཉ་རིགས་༡༢༠༠ལྷག་ངོས་འཛིན་བྱས་ཡོད།ཉ་ལས་ནི་ཆུ་བོའི་འབབ་རྒྱུད་ཀྱི་ས་ཆ་དག་གི་དཔལ་འབྱོར་གྱི་
རྟེན་གཞི་གཙོ་བོ་ཡིན་པ་དང་།ཉ་རིགས་༡༢༠ལྷག་ཚོང་རར་འགྲེམ་བཞིན་ཡོད་ཅིང་རྒྱུན་ལྡན་དུ་ཚོང་རར་
འགྲེམ་བཞིན་པ་ནི་ཉ་རིགས་སྣ་ཁ་༡༠ནས་༢༠བར་ཡོད།
            

རྫ་ཆུའི་སྟོད་རྒྱུད་ནི་བྱང་ཕྱོགས་ནས་འབར་མ་རྒྱལ་ཁབ་དང་། ཐྰའེ་ལན་ཌི། ལྰོ་རྒྱལ་ཁབ་བཅས་སུ་གཏོགས།
དེ་རུ་ཆུ་བོ་ཧ་ཅང་དྭངས་ཤིང་གཙང་ལ་འཁྱག་རོམ་མང་སྟེ་བཞུར་ཚད་ཀྱང་མགྱོགས།
ཆུ་བོའི་སྨད་རྒྱུད་དུ་
འགྲམ་ངོགས་ཀྱི་ས་འདམ་འདྲེས་ཚད་ཆེ་བ་དང་ལྷག་པར་དུ་ཆར་ཆུ་མོད་པའི་དུས་ཚིགས་སུ་དེ་ལས་ཀྱང་
ཆེ་བས་ཆུ་བོ་ཧ་ཅང་རྙོག་པོ་ཡིན།འབབ་རྒྱུད་འདིའི་གནམ་གཤིས་དྲོད་དྲང་གི་ཧེ་བག་ནི་༢༡
.༡ནས་
༢༧
.°Cཡིན། རྫ་ཆུའི་འབབ་རྒྱུད་སྟོད་སྨད་ཀྱི་སྐྱེ་དངོས་གནས་ཡུལ་ནས་སྨྲས་ན། ཆུ་བོའི་བཞུར་ཚད་
མགྱོགས་པའི་སྟོད་རྒྱུད་ཀྱི་གནས་སུ་ཁྰ་པེ་ཁྲི་ཌ་
(Cobitidae) དང་། བྱི་ཉ། རི་ཉ་སོགས་རིགས་
མི་འདྲ་བའི་ཉ་ཁྱུ་མང་བོ་ཡོད་པ་དང་། ཆུ་བོའི་བཞུར་ཚད་དལ་བའི་འབབ་རྒྱུད་སྨད་དཀྱིལ་དུ་ཉ་དམར་
དང་བྱི་ཉ་སོགས་གཙོཡིན་པའི་ཉ་རིགས་སྣ་ཚོགས་ཡོད་དེ།འདི་ལྟ་བའི་ཉ་རིགས་སྣ་ཚོགས་འཛོམས་པའི་
གཙང་བོ་ཧ་ཅང་དཀོན་མོ་ཡིན།
རྫ་ཆུར་གནས་པའི་ཉ་ཆེ་བའི་རིང་ཚད་ལ་སྨིས་༡
.༥་དང་ལྗིད་ཚད་ལ་སྤྱི་རྒྱ་༧༠ཙམ་ཡོད། ཕྰན་རྒ་ཉ་དང་
ཁྰར་ཕྰ་ཉ། བྱི་ཉ་བཅས་ཀྱི་ཉ་ཆེ་བ་རིང་ཚད་ལ་སྨིས་༣དང་ལྗིད་ཚད་ལ་སྤྱི་རྒྱ་༣༠༠ཙམ་ཡོད་སྐད།
ཡིད་སྐྱོ་བ་ཞི
ག་ལ་ཆུ་འགག་ས་ཚིགས་སྐྲུན་པ་དང་ཆུ་ལོག་རྒྱུགས་པ་ཚད་ལས་བརྒལ་བའི་ཉ་འཛིན་ལས་རིགས་སྤེལ་པ་
སོགས་གྱིས་ཉ་རིགས་འདི་དག་ཇེ་ཉུང་དུ་འགྲོ་བཞིན་ཡོད་དོ།།

Mekong-River-Steve-1.gif

     

རྫ་ཆུའི་དང་འབྲེལ་བའི་ཁོར་ཡུག་གི་གནད་དོན།

ད་ལྟ་ཁོར་ཡུག་གི་ཐད་ལ་རྩོད་གཞི་ཆེན་པོ་གཉིས་ཡོད་དེ། ཆུ་འགོག་ས་ཚིགས་དང་རླུང་འཚུབ་ཀྱི་འགྱུར་བག་
གཉིས་ཡིན།
ཆུ་བོ་འདིའི་ཡན་ལག་ཁག་ཏུ་ཆུ་འགོག་ས་ཚིགས་མང་བོ་ཡོད་པ་དང་། སྐད་གྲགས་ཆེ་བའི་
ཕྰ་ཁ་མོན་
(Pak Mun dam)ཞེས་པའི་ཐྰེ་རྒྱལ་ཁབ་ཀྱི་ཆུ་འགོག་ས་ཚིགས་དེས་ས་རྐོ་རྡོ་བརླག་ཆེན་པོ་
བྱས་ནས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོས་བ་མ་ཟད། མཐའ་འཁོར་དུ་འཚོ་གནས་བྱེད་པའི་མང་ཚོགས་
ཀྱི་བདེ་ཐང་ལ་ཡང་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད།
  ཀྲུང་གོ་རྒྱལ་ཁབ་ཏུ་ཡང་
མྰན་ཝན་
(Manwan Dam漫湾水电站)ཞེས་པའི་རྫ་ཆུའི་ཆུ་འགོག་ལས་གཞི་ཆེ་བ་ཞིག་གྲུབ་པ་དང་།
དེ་མིན་ཁྲོ་ཧྲན་རི་བོ་ཞེས་པར་འཛུགས་སྐྲུན་བྱེད་བཞིན་པའི་སྒང་དུ་ཡོད་པ་མ་ཟད། ད་དུང་ཆུ་འགོག་
ས་ཚིགས་བཅུ་གཉིས་བསྐྲུན་པའི་འཆར་གཞི་ཡོད་པ་རེད།
            

 ཁྰམ་པོར་ཌི་རྒྱལ་ཁབ་ཀྱི་དབུལ་བོ་ས་ཁུལ་ཞིག་གི་མི་རྣམས་ཀྱིས་ཆུ་བོ་འདི་ལ་བརྟེན་ནས་འཚོ་བ་
རོལ་བཞིན་ཡོད་པ་དང་། དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡང་ཆུ་བོ་འདི་ཡིན་པས་ཁོ་ཚོའི་ཁོངས་སུ་
རྫ་ཆུ་ལ་ཆུ་འགོག་ས་ཚིགས་མང་བོ་བཟོས་ཚེ་ས་ཁུལ་དེར་ས་རྡུལ་ཇེ་མང་དང་ཐན་པ་ཇེ་ཆེ་ཡིན་བས་ལོ་ཏོག་
སྐམ་འགྲོ་བ་དང་མང་ཚོགས་ཀྱི་ལྟོ་རྒྱབ་ལ་དཀའ་ངལ་འབྱུང་ངེས་ཡིན།
དེ་མིན་ཆུ་བོ་འདིའི་རྒྱུད་ཀྱི་གྲོང་ཁྱེར་
དག་ལ་ཆུ་ལོག་གི་ཉེན་ཁ་ཆེན་པོ་ཡོད་པ་རེད།ས་འཛིན་སྲུང་སྐྱོབ་དང་ཉེ་འཁོར་གྱི་མཚོ་མོ་དྭངས་གཙང་
ཡོང་ཕྱིར་རྫ་ཆུར་འབྲེལ་བའི་ཐྰོ་ནོ་ཟ་ཕི་ཞེས་པའི་སྐྱེ་དངོས་གླིང་དེ་ཡང་བཙུགས་པ་རེད།
རྫ་ཆུ་བདག་གཉེར་
ལྷན་ཚོགས་
(The Mekong River Commission)ཀྱིས་ཀྲུང་གོ་ལ་ཆུ་བོའི་སྨད་རྒྱུད་ཀྱི་མང་ཚོགས་
དང་སྐྱེ་ཁམས་ལ་དོ་སྣང་བྱེད་དགོས་པའི་བསམ་འཆར་བཏོན་པ་དང་། ཆུ་འགོག་ས་ཚིགས་ཀྱི་འཛུགས་སྐྲུན་དག་
འཚམས་འཇོག་དགོས་པའི་རེ་བ་ཞུས།
 ཀྲུང་གོའི་མངའ་ཁོངས་ཀྱི་ཆུ་འགག་ས་ཚིགས་དང་བོ་ནས་བཟུང་ཆུ་བོ་
འདིའི་རྒྱུད་ཀྱི་སྲོག་ཆགས་སྣ་ཚོགས་ཇེ་ཉུང་དུ་སོང་བ་དང་ལྷག་པར་དུ་རྫ་ཆུའི་མཚོ་ཕག་ཉ་རིགས་དང་དོམ་ཉ་མོ་
སོགས་ཉ་རིགས་དཀོན་མོ་རྣམས་མཐོང་དཀའ་བའི་གནས་སུ་གྱུར་པ་མ་ཟད་།ཉ་རིགས་གཞན་དག་གི་ཉ་ཚད་
ཇེ་ཆུང་དང་གྲངས་ཀ་ཇེ་ཉུང་དུ་འགྲོ་བཞིན་ཡོད་དེ།ཁྲང་ཝེ་གྲུ་ཁར་མཚོན་ན་ལོ་སྔོན་མ་དང་བསྡུར་ན་བཞི་
ཆ་གཅིག་གིས་ཇེ་ཉུང་དུ་སོང་ཟིན།
ཆུ་བོ་ཇེ་ཆུང་དུ་གྱུར་རྐྱེན་ཆེང་རེ་(Chiang Rai) གྲོང་ཁྱེར་ནས་ལུང་
ཕྰི་ར་བྷང་
(Luang Prabang) གྲོང་ཁྱེར་བར་གྱི་ཆུ་ཚོད་༨གྱི་གྲུ་ལམ་བར་ཐག་དེ་ད་ལྟ་ཉིན་གཉིས་ལ་
འགྲོ་དགོས་པ་བྱུང་།
            

གོང་གསལ་གནད་དོན་འདི་དག་ལས་མཐོང་ཐུབ་པ་ནི་ཆུ་འགོག་གསར་བ་སྐྲུན་པ་དང་ཆུ་བོར་འབག་བཙོག་
ཇེ་མང་དུ་སོང་ཚེ་ཆུ་བོའི་སྨད་རྒྱུད་ཀྱི་མི་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོས།
(ཀྲུང་གོའི་
འཛུགས་སྐྲུན་ནི་ཐྰེ་རྒྱལ་ཁབ་དང་བསྡུར་ན་བཙན་ཤེད་རང་བཞིན་ཆེ་ལ་སྒྲིག་སྲོལ་ཡང་ཚད་ལྡན་མིན་པས།
བཟོ་གྲྭ་སོགས་ནས་སྐྲུན་པའི་རྫས་འགྱུར་ཐོན་རྫས་དང་དུག་གཤིས་རང་བཞིན་ཅན་གྱི་ཟས་སྣ་ཆུ་བོར་བཏང་སྟེ་
འབག་བཙོག་བཟོ་བ་དང་། ཞིང་ལས་སུ་སྤྱོད་བའི་སྨན་རྫས་ཀྱིས་ཆུ་བོའི་རུལ་ཚད་ཇེ་ཆེར་བཏང་བས་ཆུ་སྐྱེས་
མེ་ཏོག་སོགས་མེད་པར་འགྲོ་བཞིན་ཡོད།
) ཆུ་ལ་གནས་པའི་ཉ་མོ་ལ་མཚོན་ན་ཆུ་བོ་བཀག་ཚེ་དེའི་སྨད་རྒྱུད་ཀྱི་
ཆུ་བོའི་བཞུར་ཚད་ཇེ་ཆུང་དུ་སོང་བ་དང་ཉ་མོའི་འཚོ་གནས་ཇེ་ཆུང་དུ་སོང་བས་གང་སར་འཚོ་མི་ཐུབ་ལ།
   
དེ་མིན་ད་དུང་ཁོར་ཡུག་གི་ཕྱོགས་སུ་གནོད་འཚེ་ཆེན་པོ་ཞིག་ཡོད་པ་ནི།ཀྲུང་གོས་རི་བོ་དང་གཡང་གཟར།
བྱེ་གླིང་སོགས་མང་བོ་གཏོར་རྐྱེན་ས་ཆ་འགར་ཆུ་བོའི་བཞུར་ཚད་ཇེ་མང་དང་། ས་ཆ་འགར་ཆུ་འགོག་སོགས་
ཀྱིས་ཆུ་རྒྱུན་བཅད་པས་ཁྱིམ་ཚང་མང་བོ་གནས་སྤོར་མི་བྱེད་ཀ་མེད་དུ་གྱུར། གནས་ཚུལ་འདི་རིགས་ཁྰམ་པོར་ཌི་ཡ་
རྒྱལ་ཁབ་དུ་ཧ་ཅང་མངོན་གསལ་ཡིན།ཆུ་བོའི་སྙོམས་སྒྲིག་མ་ལེགས་ན་ཡུལ་ཕྱོགས་དེ་ལ་མུ་གེ་དང་ན་ཚ།ཆུ་ལོག་གི་
གནོད་འཚེ་འབྱུང་ངེས་སྟེ།
  ལོ་ངོ་༧༠༠ཡར་སྔོན་གྱི་ཨན་ཁོར་(Angkor)་རྒྱལ་ས་རྩ་བ་ནས་རྫོགས་པའི་དཔེ་
བཞིན་ནོ།།
 ད་ལྟ་རྫ་ཆུའི་རྒྱུད་དུ་གནས་བའི་ལྰོ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་བ་དག་དང་།  ལྷག་པར་དུ་ཡྰོ་ནན་རྒྱལ་ཁབ་
ཀྱི་དཔལ་འབྱོར་ལྟེ་བར་གྱུར་བའི་གྲོང་ཁྱེར་འགའ་དང་།
  དེའི་རྒྱལ་ས་ཧྰོ་ཆེ་མིན་གྲོང་ཁྱེར་སོགས་སུ་ཆུ་བོ་ཆུང་ལ་
སྦགས་བཙོག་ཐེབས་ཚད་ཧ་ཅང་ཆེ་བ་རེད།།
  

རྫ་ཆུའི་ལོ་རྒྱུས་མདོ་བསྡུས། (ནུབ་ཕྱོགས་པའི་ལྟ་ཚུལ)

རྫ་ཆུ་རུ་ཆུ་ཐོག་ནས་འགྲིམ་འགྲུལ་གྱི་བཀོད་པ་གཅིག་གྱུར་བྱེད་དཀའ་པས་དུམ་བུར་ཕྱེ་སྟེ་སོ་སོར་བགོས་ཡོད།
སྤྱི་ལོ་སྔོན་གྱི་༢༡༠༠ལོའི་དུས་སུ་ཆུ་བོ་འདིའི་རྒྱུད་དུ་ཆེས་སྔ་བའི་ཚོ་ཁག་བྱུང་བ་དང་།
ལྕགས་ཆས་དུས་རབས་ཀྱི་
པྰན་ཁྲང་ཞེས་པའང་ཆུ་བོ་འདིའི་རྒྱུད་དུ་གནས་མྱོང་སྟེ།དུས་རབས་དང་བོར་གནས་པའི་གནའ་བོའི་རྒྱ་གར་
ཧྥོ་ནན་གྱི་ཁྰེམས་
(Khmer )རིག་གནས་དེ་ཡང་ཆུ་བོ་འདིའི་སྨད་རྒྱུད་དུ་ཆེས་སྔ་མོར་དར་བའི་རིག་གནས་ཡིན། 
ཨན་ཁོར་
(Angkor)ས་ཆའི་གནའ་ཤུལ་ཏུ་གནའ་རྫས་རྙེད་པ་ལས་དོང་ཙེ་སོགས་རྙེད་པ་དེ་ནི་གནའ་བའི་རོ་མ་
རྒྱལ་རབས་ཀྱི་དུས་དང་མཉམ། ཡིན་ཡང་རྒྱ་གར་གྱི་ཁྰེམས་རྒྱལ་རབས་དེ་དུས་རབས་ལྔ་བར་མཇུག་རྫོགས།
ཁྰེམས་རྒྱལ་རབས་འཇིག་པའི་རྗེས་སུ་རྫ་ཆུ་ནི་ཟྰེ་མ་ས་ཁུལ་དང་། ཡྰོ་ནན་རྒྱལ་ཁབ་ཀྱི་བྱང་ཕྱོགས་ཀྱི་ཋང་ཁེན་ས་ཆའི་
དཀྱིལ་དང་། དེ་ནས་ལྰོ་རྒྱལ་ཁབ་དང་ཁྰམ་བྷོ་ཌི་ཡ་རྒྱལ་ཁབ་བརྒྱུད་ནས་རྒྱ་མཚོར་འབབ་ཅིང་།
 ཁྰེམས་རྒྱལ་རབས་
འཇིག་རྗེས་ཚོ་ཁག་དེ་དག་གི་འབྲེལ་བ་ཡང་ཆུ་བོ་འདིས་བཅད། ཆུ་བོ་རྫ་ཆུའི་ཆབ་རྒྱུན་འདི་ནུབ་ཕྱོགས་པ་ལས་ཆེས་
སྔ་བར་མཐོང་མཁན་ནི་ཕྰོར་ཋུ་གྷུའི་ཡི་རྒྱལ་ཁབ་
葡萄牙་ཀྱི་མི་ཡིན། དེ་ནི་སྤྱི་ལོ་༡༥༤༠ལོར་ཡིན་ལ་།
སྤྱི་ལོ་༡༥༦༣ལོར་ཡོ་རོབ་གླིང་གི་ས་ཁྲའི་སྟེང་དུ་ཆུ་བོ་འདིའི་སྟོད་རྒྱུད་བཀོད་དེ།སྤྱི་ལོ་༡༦༤༡ནས་༤༢བར་གཙོ་བོ་
ཡོ་རོབ་གླིང་གི་རྒྰ་རི་ཡི་སྐབས་སུ་ཝོ་སི་ཧྰོ་
(Dutch Gerrit van Wuysthoff) ཞེས་བས་སི་ཕན་
西班牙དང་ཕྰོར་ཋུ་གྷུའི་葡萄牙Spaniards and Portuguese ཡི་ཆོས་སྤེལ་མཁན་དང་ཚོང་བ་
ཁྲིད་ནས་ཡོ་ནན་རྒྱལ་ཁབ་ཀྱི་ཆུ་བོ་འདིའི་རྒྱུད་དུ་སླེབས་པ་དང་། ལྷག་པར་དུ་དུས་རབས་༡༩བའི་དུས་དཀྱིལ་དུ་
ཧྥ་རན་སི་རྒྱལ་ཁབ་ཀྱི་མི་ས་འདིར་སླེབས་ནས།
  ༡༨༦༡ལོར་དངོས་སུ་རྒྱལ་ཁབ་དེའི་ཟེ་གྷོང་(Saigon)གྲོང་ཁྱེར་
ཞེས་བ་བཟུང་བར་མ་ཟད།
 ༡༨༦༣ལོར་ཁྰམ་པོར་ཌི་རྒྱལ་ཁབ་ནས་འཇབ་རྒོལ་འགོག་ཆེད་སྲུང་སྐྱོབ་གཞུང་དོན་ཁང་
ཡང་བཙུགས།
  མ་ལག་ཚད་ལྡན་གྱི་ཆུ་བོ་རྫ་ཆུའི་བཞུར་ལམ་བརྒྱུད་མཁན་ཆེས་ཐོག་མ་ནི་ཧྥ་རན་སི་རྒྱལ་ཁབ་ཀྱི་
ཨྰར་ནི་ཌོ་དི་
(Ernest Doudard de Lagrée) དང་རྒྰ་རེ་ནི་ཡིས་ཁྲིད་པའི་ཧྥ་རན་སི་ཡི་ཆུ་བོར་
བསྐྱོད་པ་ཞེས་པ་དེ་ཡིན་ཞིང་། ཁོ་ཚོ་ཆུ་བོ་འདིའི་འགོ་ཁུངས་ནས་ཡུན་ནན་ཞིང་ཆེན་གྱི་མཚམས་སུ་སྤྱི་ལོ་
༡༨༦༦ནས་༡༨༦༨བར་སྐྱོད།
ཆུ་བོར་བསྐྱོད་པ་ཞེས་པ་དེས་གཙོ་བོ་ཆུ་བོ་འདི་འབབ་བརྒྱུད་ལུང་གཟར་མང་བོ་
ཡིན་པ་ཤེས་པ་ལས་ཆུ་བོ་འདིའི་འགོ་ཁུངས་ངོ་མ་ནི་མ་ཤེས་ཏེ། སྤྱི་ལོ་༡༩༠༠ལོར་ད་བཟོད་ཨི་རི་སི་རྒྱལ་ཁབ་ཀྱི་
ཕྰེ་ཁྲི་རོ་ཁོ་ཡིས་གསར་ཏུ་རྙེད།
 ཧྥ་རན་སིས་སྤྱི་ལོ་༡༨༩༣ལོ་ནས་བཟུང་།ཆུ་བོ་འདི་བདག་འཛིན་བྱེད་ཆེད་ལྰོ་
རྒྱལ་ཁབ་བར་དུ་མངའ་ཐང་རྒྱ་བསྐྱེད།
  ཨ་རི་དང་ཧྥ་རན་སི་ས་འདིར་ཐོན་ནས་དུས་རབས་༢༠བའི་ལོ་རབས་
བཅུ་བའི་དམག་འཁྲུག་མཇུག་བསྒྲིལ། ཡྰོ་ནན་དམག་འཁྲུག་གི་རྗེས་སུ་ཨ་རི་བས་བཙུགས་པའི་ཐྰེ་རྒྱལ་ཁབ་ཀྱི་
སྲིད་གཞུང་གསར་བ་དང་། དེ་མིན་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་མཉམ་འབྲེལ་གྱི་སྒོ་ནས་
རྒྱལ་ཁབ་གཞན་པས་ཆུ་བོ་འདི་བེད་སྤྱོད་པར་བཀག་འགོག་བྱས་སོ།

MekongRiverMap.jpg

     

རྫ་ཆུའི་ལོ་རྒྱུས་མདོ་བསྡུས།>>

བོད་རྒྱ་དབྱིན་ཐྰེ་
ཁྰམ་བྷོ་ཌི་ཡ་柬埔寨Cambodia 
ཆེང་མྰེ་清迈Chiang Mai 
རྒྰ་རེ་ཋེ་ཝུ་སེ་ཐོ་ཧྥོ Gerrit van Wuysthoff 
ཐྰའེ་ལན་ཌི泰国 Thailand 
འབར་མ་缅甸 Burma 
མྰ་ནེམ་ཁོན་  แม่น้ำโขง
མྰན་ཝན་漫湾Manwan  
མཚོ་ཕག་海豚Dolphin 
རྫ་ཆུ་/ཟླ་ཆུ་湄公河 Mekongแม่น้ำโขง
ཟེ་གྷོང་གྲོང་ཁྱེར胡志明市Saigon 
ཡྰོ་ནན་越南Vietnam 
རོ་མན་རྒྱལ་རབས 罗马帝国 Roman Empire 
ལྰོ།老挝Laos 
སི་ཕན་དང་ཕྰོར་ཋུ་གྷུའི་西班牙和葡萄牙Spaniards and Portuguese Portuguese) 
ཨན་ཁོར་ 吴哥Angkor 
 

Enter supporting content here